འདི་ག་ལྟེ་གནས་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དོན་དུ་ལས་འགུལ་སྤེལ་རྒྱུ་དང་། ཐོབ་ཐང་དོན་གཉེར་བ་རྣམས་ཀྱི་ནུས་སྟོབས་གོང་འཕེལ། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྟོག་ཞིབ་ནན་པོ་བྱས་ཏེ་ཡིག་ཚགས་བཟོ་རྒྱུ་དང་སྙན་ཐོ་འདོན་སྤེལ་བྱས་ཏེ་བོད་ཕྱི་ནང་གཉིས་ཀའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་གཏོང་རྒྱུར་འབད་བརྩོན་ཞུ་བཞིན་ཡོད།
བོད་མི་ཡོངས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རང་དབང་ལ་ལོངས་སུ་སྤྱོད་རྒྱུའི་དུས་བཟང་ཞིག་འཆར་བའི་དམིགས་ཡུལ་བཅངས་ཡོད།




