ཞིབ་འཇུག་བྱེད། - གོ་རྟོགས་སྤེལ། - ནུས་སྟོབས་སྐྱེད།

ཕྱི་ལོ་ ༡༩༩༦ ལོ་ནས་བཟུང་སྟེ་ང་ཚོས་བོད་མི་རྣམས་ཀྱི་སྤྱི་སྒེར་གྱི་ཐོབ་ཐང་རྩོད་ལེན་བྱེད་པར་རམ་འདེགས་ཞུས་དང་ཞུ་མུས་ཡིན།

The Tibetan Centre for Human Rights and Democracy (TCHRD) is a non-profit organization committed to advancing human rights and democracy in Tibet and the exiled Tibetan community by empowering Tibetan advocates and monitoring, documenting, and campaigning against human rights abuses.

ང་ཚོའི་བསྒྲུབ་བྱ་ཅི་ཞིག་ཡིན་ནམ།

ང་ཚོས་དོ་ཚགས་དམ་པོའི་ཉམས་ཞིབ་བྱེད་པ་དང་ཞུ་གཏུག་ལས་འགུལ་སྤེལ་བ། ཤེས་བྱ་བརྗེ་ལེན་བྱེད་པ་སོགས་བརྒྱུད་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཚོའི་སྐྱོན་ཆ་ཐེར་འདོན་དང་ཡོ་བསྲང་བྱེད་ཐབས་བྱས་ཏེ་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རང་དབང་ཚུལ་བཞིན་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བར་འབད་བརྩོན་ཞུ་བཞིན་ཡོད།

ཉམས་ཞིབ།

ང་ཚོས་དུས་ལྟར་སྙན་ཐོ་འདོན་པ་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐེབས་པའི་གནད་དོན་རྣམས་ཡིག་ཚགས་སུ་འགོད་པ། རྒྱལ་སྤྱིའི་སྤྱི་ཚོགས་སུ་ལས་འགུལ་སྤེལ་ཏེ་རྒྱ་ནག་གིས་རང་གི་བྱ་སྤྱོད་ལ་འགན་འཁུར་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད།

ལས་འགུལ།

ང་ཚོས་མནར་གཅོད་མྱོང་མཁན་ལ་དྲང་བདེན་རྩོད་རྒྱུ་དང་། སྤྱི་ཚོགས་དང་དཔལ་འབྱོར་གྱི་ཁེ་དབང་འདྲ་མཉམ་མིན་པའི་གནས་བབ་གཙང་སེལ་གཏོང་རྒྱུ། གདུག་རྩུབ་ཅན་གྱི་ཁྲིམས་ཡིག་བཅོས་ཐབས་བྱ་རྒྱུ། སྨྲ་བརྗོད་རང་དབང་གི་རྐྱེན་གྱིས་བཙོན་འོག་ཏུ་ཚུད་མཁན་རྣམས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་བཅས་ལ་འབད་བརྩོན་ཞུ་བཞིན་ཡོད།

གོ་རྟོགས།

ང་ཚོས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྣམས་ཀྱི་བྱ་གཞག་གསལ་འདོན་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པར་དངོས་དོན་སྤྱན་འབུལ་ཞུ་བ། ཟབ་སྦྱོང་གོ་སྒྲིག་བྱེད་པ་སོགས་བརྒྱུད་ནས་ཐོབ་ཐང་དོན་གཉེར་བ་རྣམས་ཀྱི་ནུས་སྟོབས་གོང་སྤེལ་གཏོང་ཐབས་ལ་འབད་བརྩོན་ཞུ་བཞིན་ཡོད།

ཉེ་དུས་ཀྱི་ལས་འགུལ་

དུས་རབས་ཀྱི་དགོས་མཁོ་དང་བསྟུན་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཀྱི་འབོད་ཚིག་རྣམས་བོད་མི་ཚོའི་མཐོང་ཐོས་མྱོང་གསུམ་གྱི་སྒོ་ནས་གསེད་དཀྲོལ་བྱས་ཡོད། 

བོད་ཡིག