ཆེད་དོན་སྙན་ཐོ།

<<རང་དབང་དང་འདྲ་མཉམ་ཆེད།>>ཅེས་པའི་དེབ་འདི་ནི་བོད་ཀྱི་རྩོམ་པ་པོ་ཞོགས་ལྗང་གི་རྩོམ་ཡིག་ཕྱོགས་བསྒྲིགས་ཀྱིས་ཨིན་བོད་སྐད་གཉིས་ཐོག་བཏོན་པ་ཞིག་ཡིན། དེབ་འདིའི་ནང་རྩོམ་པ་པོས་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་ཇུས་དང་སྲིད་ཇུས་ལག་བསྟར་བྱེད་ཕྱོགས་ནོར་གྱི་ཡོད་ཚུལ་ལ་སྙིང་སྟོབས་ཆེན་པོ་སྐྱོན་བརྗོད་ཀྱི་རྩོམ་ཡིག་མང་པོ་སྤེལ་ཅིང་། སྨྲ་བརྗོད་རང་དབང་མེད་པའི་ཁོར་ཡུག་ཞིག་ནས་ཁོང་གིས་སྨྱུ་གུའི་སྟོགས་ཤུགས་ལ་བརྟེན་ནས་སྨྲ་བརྗོད་རང་དབང་རྩོད་ལེན་བྱས་ཏེ་བོད་ཀྱི་གནས་བབས་གླེང་ཡོད། འབྲུག་དཀར་རྒྱལ་ལམ་ཨ་དགའ་འབྲུག་ལོ་༼སྨྱུག་མིང་ལ་ཞོགས་ལྗང་།༽ ནི་ཕོ་ལོ་སུམ་ཅུར་སོན་པའི་མདོ་སྨད་བླ་བྲང་ས་ཁུལ་གྱི་རྩོམ་པ་པོ་ཞིག་ཡིན། ཁོང་ནི་སྙན་ངག་དང་། གཞས་ཚིག། སྒྲུང་ཐུང་བཅས་འབྲི་མཁན་ཞིག་ཡིན་པ་མ་ཟད། ལོ་ཙཱ་བ་དང་། དཔྱད་བརྗོད་རྩོམ་ཡིག་འབྲི་སྤེལ་མཁན་ཞིག་ཀྱང་ཡིན། ད་བར་ཁོང་གིས་ལམ་གྱི་སྙིང་སྟོབས་དང་། སྨྱུ་གུའི་སྟོབས། རང་དབང་གི་སླད་དུ་ང་ལ་བློ་འགྱོད་མེད། རང་གྲོལ་སྙིང་སྟོབས་སོགས་དེབ་བཞི་བྲིས་ཡོད། ཁོང་ནི་ནུབ་བྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན་ཅིང་། ལོ་ན་བཞི་ལ་སོན་པའི་བྱིས་པ་ཞིག་གི་ཨ་ཕ་ཡང་ཡིན་འདུག ཁོང་གིས་བསམ་བློ་དང་སྨྲ་བརྗོད་ཀྱི་རང་དབང་ལོངས་སུ་སྤྱད་སྟབས། ཁོང་ཕྱི་ལོ་༢༠༡༠ དང་༢༠༡༥ བཅས་སུ་རིམ་པར་ཐེངས་གཉིས་ལ་འཛིན་བཟུང་བྱས་ཤིང་། ཐེངས་སྔོན་མར་ཁོང་གིས་ས་བྱི་ཞི་རྒོལ་ཆེན་མོ་དང་འབྲེལ་བའི་རྩོམ་ཡིག་ཤར་དུང་རི་དུས་དེབ་སྟེང་སྤེལ་བར་བརྟེན་ཟླ་གཅིག་རིང་བཀག་ཉར་བྱས་ཡོད། དེ་རྗེས་ཁོང་འཛིན་བཟུང་བྱས་ནས་ལོ་གཅིག་ཙམ་གྱི་རྗེས་སུ་༼ ཕྱི་ལོ་ ༢༠༡༥ ཟླ་ ༣ ནས་འཛིན་བཟུང་བྱས་ཏེ་ཕྱི་ལོ་ ༢༠༡༦ ཟླ་ ༢ ༽ ལོ་གཙུམ་གྱི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད། འོན་ཀྱང་ཁོང་གིས་རང་ཉིད་ལ་རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱི་ཉེས་འགེལ་བྱས་པར་ངོས་ལེན་མེད་པའི་སྙན་ཞུ་ཤོག་ལྷེ་༡༢ ཅན་ཞིག་ཕུལ་ཏེ་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་སྲུང་ཐབས་བྱས་ཡོད། འདི་ཡིས་ཕྱི་ལོ་༢༠༠༨ ལོ་ནས་རྒྱ་ནག་སྲིད་གཞུང་འོག་གི་བོད་ཀྱི་ཤེས་ཡོན་པ་དང་རྩོམ་པ་པོ་ཚོའི་བསམ་བློ་དང་སྨྲ་བརྗོད་ཀྱི་རང་དབང་ལ་ཚོད་འཛིན་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་པ་གསལ་བོར་མཚོན་གྱི་ཡོད། འབྲེལ་ཐག་འདི་བརྒྱུད་ནས་དེབ་ཆ་ཚང་ཀློག་ཐུབ།

Continue Reading

དུར་ས་འཚོལ་བའི་མི་ཞེས་པའི་དེབ་འདི་ནི་བོད་ནང་གནས་བཞུགས་རྩོམ་པ་པོ་སྨར་ལྗང་སྨྱུག་ལགས་ཀྱིས་བརྩམས་ཤིང་།  དེབ་འདིའི་ནང་བོད་ནང་མི་རབས་རྒན་པ་རྣམས་ལ་བཅར་འདྲིའི་ལམ་ནས་རྒྱ་གཞུང་གིས་བོད་ལ་ཐོག་མར་བཙན་འཛུལ་སྐབས་ཀྱི་ལོ་རྒྱུས་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས།  རྩོམ་པ་པོ་རང་ཉིད་ཀྱི་སེམས་ཚོར་མཚོན་པའི་སྙན་ངག་བཅས་འཁོད་ཡོད། དེབ་ཧྲིལ་བོར་གཤམ་གྱི་དྲ་ཐག་བརྒྱུད་གཟིགས་ཐུབ།  http://www.scribd.com/doc/154289811/Nyapa-Tibetan-Book  

Continue Reading

to top