ནག་ཆུ་སོག་རྫོང་ནས་བོད་མི་ཞིག་གསང་བའི་ཐོག་འཇུ་བཟུང་བྱས་འདུག

mmexport1384443833688
རྒྱ་གཞུང་གི་གསང་བའི་འཇུ་བཟུང་འོག་གར་སོང་ཆ་མེད་དུ་གྱུར་པའི་བོད་མི་ཐུབ་རྒྱལ་ལགས།

རྒྱ་གཞུང་གིས་གསང་བའི་ཐོག་བོད་མི་མང་པོ་འཇུ་བཟུང་བཙན་ཁྲིད་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་མཚན་མོར། རང་ལོ་ ༢༧ ཡིན་པའི་བོད་མི་ཐུབ་བསྟན་རྒྱལ་མཚན་ཟེར་བ་ཞིག་རྒྱ་གཞུང་ཉེན་རྟོག་པས་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ད་ལྟའི་ས་ཁོངས་ལྟར་བྱས་ན། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་སོག་རྫོང་རྒྱལ་ཆེན་ཤང་གྲོང་ཚོ་ལྔ་པ་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༢༧ ཡིན་པའི་བོད་མི་ཐུབ་བསྟན་རྒྱལ་མཚན་ནམ་ཐུབ་རྒྱལ་ཟེར་བའི་བོད་མི་ཞིག ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ ཉིན་སྟེ་གཟའ་ཉི་མའི་མཚོན་མོར་རྒྱ་གཞུང་ཉེན་རྟོག་པས་གསང་བའི་ཐོག་འཇུ་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

ཐུབ་རྒྱལ་ལགས་ནི་ནམ་རྒྱུན་ཚོང་ལས་གཉེར་མཁན་ཞིག་ཡིན་པ་དང་། ཁོང་གི་ཕ་མིང་ལ་བསྟན་འཛིན་རྒྱལ་མཚན་དང་མ་མིང་ལ་ཐུབ་བསྟན་ཆོས་འཛིན་ཟེར་གྱི་ཡོད་འདུག ཁོང་ད་ལྟ་གང་དུ་ཡོད་མེད་དང་འཇུ་བཟུང་བྱ་དགོས་དོན་སོགས་གསལ་བོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ས་གནས་ཡུལ་མིི་རྣམས་ཀྱིས་རྒྱ་གཞུང་གིས་ཁོང་ནི་བོད་མི་ཁ་བྲལ་བར་འབྲེལ་ཡོད་པའི་དོགས་གཞིའི་འོག་འཇུ་བཟུང་བྱས་པ་ཞིག་ཡིན་པར་ཚོད་བགམ་བཞིན་ཡོད་འདུག

to top