15/07/2020

སོག་ཙན་དན་དགོན་པའི་གྲྭ་པ་བདུན་འཇུ་བཟུང་།

  •   
  •  
  •  
  •  
  •  
  •  
  •  

ཟླ་འདིའི་ཕྱི་ཚེས་ ༡༤ དགོང་མོར་ཁམས་སོག་རྫོང་ཙན་དན་དགོན་པའི་གྲྭ་པ་ ༧ རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་འདུག

རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་པའི་གྲྭ་རྣམ་རྒྱལ་ཚུལ་ཁྲིམས་ལགས།
རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་པའི་གྲྭ་རྣམ་རྒྱལ་ཚུལ་ཁྲིམས་ལགས།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༤ དགོང་མོར། ད་ལྟ་རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ས་ཁོངས་ལྟར་བྱས་ན། བོད་རང་སྐྱོང་ལྗོངས་ནགས་ཆུ་ས་ཁུལ་སོག་རྫོང་ཙན་དན་དགོན་པའི་གྲྭ་པ་རྣམ་རྒྱལ་ཚུལ་ཁྲིམས་དང་། བློ་གྲོས་བསྟན་འཛིན། ཚུལ་ཁྲིམས་སྒོ་འབྱེད། ཚུལ་ཁྲིམས་རྣམ་རྒྱལ། ཐབས་མཁས་ལྷུན་འགྲུབ། འཇིག་མེད་ཚུལ་ཁྲིམས། འཇིག་མེད་གྲགས་པ་བཅས། གྲྭ་པ་ ༧ རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག ཡིན་ནའང་། ཁོང་རྣམ་པ་འཛིན་བཟུང་བྱེད་པའི་རྒྱུ་མཚན་ཅི་ཡིན་ཉེན་རྟོག་པས་འགྲེལ་བརྗོད་བྱས་མེད་པ་རེད།

 
ས་གནས་དེ་གའི་ཡུལ་མི་རྣམས་ཀྱི་ངོས་ནས། ཁོང་ཚོས་བོད་དོན་དང་འབྲེལ་བའི་པར་རིས་དང་གནས་ཚུལ་ཕན་ཚུན་གཏོང་རེས་བྱས་རྐྱེན་ཡིན་པའི་ཚོད་བགམ་བྱེད་བཞིན་ཡོད་འདུག ད་ལྟའི་ཆར་གྲྭ་པ་དེ་དག་ས་ཆ་གང་ཞིག་ཏུ་བཀག་ཉར་དང་གནས་སྟངས་ག་འདྲ་ཆགས་ཡོད་མེད་དང་། དེ་བཞིན། ཁོང་ཚོ་འཇུ་བཟུང་བྱེད་དགོས་དངོས་ཡོད་གནས་ཚུལ་སོགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

 
སྤྱིར་བཏང་ཁམས་སོག་རྫོང་ཙན་དན་དགོན་པ་རུ། དེ་སྔོན་ཡང་རྒྱ་གཞུང་གིས་དྲག་གནོན་བཀག་སྡོམ་རིམ་པར་བྱས་མྱོང་ཡོད་ལ། དགོན་པའི་ཕྱི་ནང་བར་གསུམ་ལ་གསང་བའི་པར་ཆས་གྲངས་ལྔ་བཅུ་ཙམ་བཙུགས་ཡོད་པ་མ་ཟད། དེང་སྐབས་དགོན་པའི་ཕྱི་ནང་ཚང་མར་ཉེན་རྟོག་མི་སྣ་མང་པོ་འགྲེམས་འཇོག་གིས་ཆུ་ཚོད་ཉེར་བཞིའི་རིང་ལྟ་སྲུང་བྱས་ཡོད་པ་རེད།   མཚན་མོར་གྲྭ་པ་རྣམས་ཕྱི་ལ་ཆབ་གསང་དུ་འགྲོ་དུས་ཀྱང་ཉེན་རྟོག་མི་སྣས་སུན་པོ་བཟོ་བ་དང་འཇིགས་སྐུལ་བྱེད་པ་སོགས་དྲག་གནོན་འོག། དགོན་པའི་བླ་གྲྭ་རྣམས་དུས་རྒྱུན་འཇིགས་སྣང་དང་དངངས་སྐྲག་ཁྲོད་དུ་གནས་ཡོད། དེ་བཞིན། ལོ་ན་ ༡༨ མ་ཟིན་པར་གྲྭ་པ་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་རེད།

 
གོང་གསལ་གྲྭ་རྣམ་རྒྱལ་ཚུལ་ཁྲིམས་ལགས་ནི། ཕྱི་ལོ་ ༢༠༡༡ ལོར་ཕྱི་ཕྱོགས་ལ་འབྲེལ་བ་ཡོད་པར་བསྙད་ནས་ཉིན་ ༧ རིང་བཀག་ཉར་བྱས་མྱོང་འདུག་ལ། ༢༠༡༢ ལོའི་ཟླ་ ༡༠ ཚེས་ ༦ ཉིན་དངོས་སུ་འཛིན་བཟུང་བྱས་ཏེ། ཐོག་མར་ནག་ཆུའི་བཙོན་ཁང་དང་བཀག་ཉར་ཁང་གཉིས་ཀྱི་ནང་རེས་མོས་ཀྱིས་ཟླ་ ༤ དང་ཉིན་གྲངས་ ༢༨ ཙམ་བཙོན་འཇུག་དང་། དེ་རྗེས་ལྷ་སའི་སྟོད་ལུང་བཙོན་ཁང་དུ་ཟླ་ ༣ དང་ཉིན་ ༡༡ རིང་བཙོན་འཇུག་བྱས་པ་བཅས། ཁྱོན་བསྡོམས་ཟླ་ ༨ ལྷག་རིང་བཙོན་ཁང་ནང་བཀག་ཉར་གྱིས་སྡུག་སྦྱོང་མནར་གཅོད་བཏང་མྱོང་ཡོད་པ་རེད།

 
འདི་ལོའི་ཕྱི་ཟླ་ ༣ ཚེས་མགོ་ནས་བཟུང་བོད་ས་ཁྱོན་ཡོངས་ལ་སྤྱི་ཚོགས་དྲ་འཕྲིན་ཁག་གི་གཙོས་བརྒྱུད་ལམ་ཡོངས་རྫོགས་དམ་དྲག་ནན་པོ་བྱེད་བཞིན་ཡོད་པ་མ་ཟད། ལྷག་པར་ནགས་ཆུའི་ཤར་ཕྱོགས་རྫོང་གསུམ་སྟེ། སྦྲ་སོག་འབྲི་གསུམ་གྱི་ས་ཁུལ་ལ་དམ་དྲག་ཆེན་པོ་བྱེད་བཞིན་འདུག དེ་སྔོན་ཆབ་སྲིད་ཀྱི་གནད་དོན་འཕྲད་མྱོང་ཡོད་པ་ཚང་མ་ཡུལ་ཚོའི་གཞུང་ལས་ཁང་དུ་འབོད་འགུག་བྱེད་བཞིན་འདུག