09/08/2020

རྒྱ་གཞུང་གིས་དཔལ་ལྡན་འབྲོང་སྣ་དགོན་པ་སྒོ་རྒྱག་བཅུག་ཡོད་འདུག

  •   
  •  
  •  
  •  
  •  
  •  
  •  

ཉེ་ཆར་རྒྱ་གཞུང་གིས་དྲག་གནོན་འོག་འབྲི་རུ་རྫོང་ཁོངས་སུ་ཡོད་པའི་དཔལ་ལྡན་འབྲོང་སྣ་དགོན་པ་སྒོ་རྒྱག་བཅུག་ཡོད་པ་དང་། དགོན་པའི་རིག་གནས་དགེ་རྒན་འཇུ་བཟུང་བྱས་ཡོད་འདུག

mmexport1388462908253འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན་ལྟར་ན། ཉེ་ཆར་ཁམས་འབྲི་རུ་རྫོང་ཁོངས་སུ་ཡོད་པའི་ལོ་རྒྱུས་ཡུན་རིང་ལྡན་པའི་དཔལ་ལྡན་འབྲོང་སྣ་དགོན་པའི་ནང་དུ་ཛ་དྲག་གི་བཀག་སྡོམ་གནས་ཚུལ་བྱུང་བཞིན་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༩ ཉིན། དགོན་པ་དེའི་རིག་གནས་རྒན་གྲྭ་སྐལ་བཟང་དོན་འགྲུབ་ལགས་འཇུ་བཟུང་བྱས་ཡོད་འདུག

དེ་བཞིན། རྒྱ་གཞུང་གིས་གང་བྱུང་དུ་རྣམ་པ་འདྲ་མིན་དྲག་སྤྱོད་དང་མནར་གཅོད་ཚད་ལས་བརྒལ་བའི་སྒོ་ནས་དགེ་འདུན་པ་མང་པོ་འཇུ་བཟུང་དང་། དགོན་པའི་ཉེས་འགོག་སྒམ་ལ་སོགས་ཅ་དངོས་པོ་འཕྲོག་བཅོམ་དང་། ད་ལྟའི་ཆར་འབྲོང་སྣ་དགོན་དུ་གྲྭ་ཤག་ཚང་མ་སྒོར་ཤོག་བྱང་སྦྱར་ཏེ་སྒོ་རྒྱག་བཅུག་ཡོད་འདུག

ད་ལྟའི་ཆར་འབྲི་རུ་རྫོང་ཁོངས་སུ་བརྒྱུད་ལམ་ཡོངས་རྫོགས་དམ་དྲག་བཀག་སྡོམ་ཤུགས་ཆེན་པོ་བྱས་ཡོད་སྟབས། རྒྱ་གཞུང་གིས་གྲྭ་བ་རྣམས་འཇུ་བཟུང་བཀག་སྡོམ་དང་ཉེས་རྡུང་མནར་གཅོད་གཏོང་བཞིན་པའི་ཞིབ་ཕྲའི་གནས་ཚུལ་རིགས་གསལ་བོ་ཤེས་ཁག་པོ་ཆགས་འདུག

mmexport1388462900572

mmexport1388462871876

mmexport1388462828450

mmexport1388462863882