ཉེ་དུས་བོད་མདོ་སྨད་ཕྱོགས་ཀྱི་ ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ ཟེར་བའི་དམར་ཤོག་དྲུང་ཆེ་གཞོན་ པ་ཡཱང་ཝུ་ཟེར་བའི་བཀོད་ཁྱབ་འོག་ ཁུལ་དེའི་དགོན་སྡེའི་ཆོས་ལུགས་ ཀྱི་བྱེད་སྒོ་ཁག་ལ་སྔར་ལས་ལྷག་ གི་དམ་དྲག་རྒྱ་ཆེར་བྱས་འདུག་ཅི ང་དད་ལྡན་དམངས་ཚོགས་དང་དགེ་འདུ ན་པ། མཚམས་པ་སོགས་ལ་སུན་བཙེར་སྣ་མང་ བྱས་པར་བརྟེན་ཕྱི་ཟླ་ལྔ་པའི་ནང་ དུ་གཙོས་གྲོང་ཁྱེར་གྱི་ཁྱབ་ཁོ ངས་ཁ་གྱ་ཡུལ་ཚོ་ནས་ཡིན་པའི་དགེ་ འདུན་པ་ཞིག་གིས་ངོ་རྒོལ་གནང་སྟེ ་༧གོང་ས་མཆོག་གི་སྐུ་པར་གྱི་མདུ ན་དུ་རང་སྲོག་བཅད་པའི་གནས་ཚུལ་ ཐོན་འདུག་ཅིང་བཙན་བྱོལ་བོད་མིའི ་གསར་ཁང་རེ་འགའི་ནང་ཁོང་ཉིད་ཀྱི ས་རང་ལུས་མེར་བསྲེག་གནང་སྟེ་ འདས་གྲོངས་སུ་གྱུར་ཡོད་ཚུལ་འཁོ ད་འདུག
རྒྱ་ནག་གཞུང་གིས་གནས་ཚུལ་དེའི་ ཐད་ཧ་ཅང་གསང་དང་དམ་དྲག་རྒྱ་ཆེར་ བྱེད་བཞིན་ཡོད་པར་བརྟེན་དགེ་འདུ ན་པ་ཁོང་གི་མཚན་དང་རང་སྲོག་བཅད་ པའི་ཚེས་གྲངས་སོགས་ཞིབ་ཕྲའི་ གནས་ཚུལ་གང་ཡང་ཤེས་རྟོགས་མི་ཐུ བ་པ་གྱུར་འདུག
བཙན་བྱོལ་བོད་མིའི་གསར་ལམ་ཁག་གི ་སྤེལ་བའི་གནས་ཚུལ་ལྟར་ན་དགེ་ འདུན་ཁོང་པ་འདས་གྲོངས་སོང་བའི་ རྗེས་སུ་རྒྱ་ནག་ཏུ་ལས་ཀ་བྱེད་ བཞིན་པའི་ཁོང་གི་འབྲེལ་ཡོད་ནང་ མི་གཅིག་ཕྱིར་ཕ་ཡུལ་དུ་ལོག་ཀྱང་ རྒྱ་ནག་གཞུང་གིས་གནས་ཚུལ་དེར་ གསང་རྒྱ་བྱ་རྒྱུའི་ཆེད་དུ་ཏོག་ དབྱིབས་རིམས་ནད་སྔོན་འགོག་བྱ་ བར་ཁ་གཡར་ནས་ཉེ་འབྲེལ་དེ་དང་ནང་ མི་གཞན་རྣམས་གཙོས་གྲོང་ཁྱེར་དུ་ ཁྲིད་དེ་གསལ་རྟོགས་མི་ཐུབ་པའི་ ས་གནས་ཤིག་ཏུ་བཀག་སྐྱིལ་བྱས་པ་ འཁོད་འདུག
༧གོང་ས་མཆོག་གི་སྐུ་པར་ལ་དམ་དྲ ག
དགེ་འདུན་པ་ཁོང་གིས་༧གོང་ས་མཆོ ག་གི་སྐུ་པར་གྱི་མདུན་དུ་རང་སྲོ ག་བཅད་པ་དེའང་གནད་འགག་ཆེན་པོ་ཞི ག་ཡིན། ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་ཀན་ལྷོ་ཁུལ་དུ་“ཏཱ་ ལའི་སྐུ་ཕྲེང་བཅུ་བཞི་པའི་སྐུ་ པར་གཙང་སེལ་”ཞེས་པའི་ལས་འགུལ་རྒྱ ་ཆེར་སྤེལ་ཏེ་༧གོང་ས་མཆོག་གི་སྐུ ་པར་སྒྲིག་གཤོམ་བྱེད་པར་སྔར་ལས་ ལྷག་པའི་དམ་དྲག་ཆེས་ཆེར་བྱས་ཡོ ད། ལས་འགུལ་དེ་ནི་ཀན་ལྷོ་ཁུལ་གྱི་ གྲོང་སྡེ་བརྒྱ་ཕྲག་མང་པོའི་ནང་ སྤེལ་འདུག་ཅིང་དེའི་ཁྲོད་དུ་༧གོ ང་ས་མཆོག་གི་སྐུ་པར་རྩ་མེད་བཟོ ས་ཏེ་དེའི་ཚབ་ཏུ་རྒྱ་ནག་གི་དཔོ ན་རིགས་མའོ་ཙེ་ཏུང་དང་ཞི་ཅིན་ཕི ང་སོགས་ཀྱི་འདྲ་པར་སྒྲིག་གཤོམ་ བྱེད་བཅུགས་ཡོད་འདུག
ལས་འགུལ་དེའི་རྒྱུན་མཐུད་དེ་“རྒྱ ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོ གས་རིང་ལུགས་དང་ཀྲུང་ཧྭ་མི་རི གས་གཅིག་མཐུན་འདུས་གྲུབ་ཀྱི་འདུ ་ཤེས། ཏཱ་ལའི་རུ་ཚོགས་དང་ཆོས་ལུགས་ ཐལ་སྤྱོད་པར་མཐའ་གཅིག་ཏུ་ངོ་རྒོ ལ་”ཟེར་བ་སོགས་ཀྱི་མིང་བྱང་འོག་ ཆབ་སྲིད་ཀྱི་སློབ་གསོ་སྤེལ་བའི་ ལས་འགུལ་རབ་དང་རིམ་པ་སྤེལ་ནས་བོ ད་མི་རྣམས་ཀྱི་ཆོས་ལུགས་དད་མོས་ དང་བསམ་བློའི་རང་དབང་སོགས་ལ་ཚད་ ལས་བརྒལ་བའི་རྡོག་རོལ་བཏང་འདུག
ཝང་དབྱང་གི་ཀན་ལྷོར་ལྟ་སྐོར།

ཉེ་ལམ་ཀན་ལྷོ་ཁུལ་གྱི་དམ་དྲག་གི ་ཚད་གཞི་སྔར་ལས་ཀྱང་ཇེ་ཆེར་སོང་ བ་ནི་ཕྱི་ཟླ་ལྔ་པའི་ཚེས་ ༢༣ ནས་ ༢༥ བར་རྒྱ་ནག་གི་ཀྲུང་དབྱང་ཆབ་སྲི ད་ཅུས་ཀྱི་རྒྱུན་ལས་དང་རྒྱལ་ཡོ ངས་སྲིད་གྲོས་ཀྱི་ཚོགས་གཙོ། ཤིན་ཅང་ལས་དོན་མཐུན་སྦྱོར་རུ་ ཁག་གི་ཚོགས་གཙོ་ཝང་དབྱང་ཁུལ་དེ ར་ལྟ་སྐོར་དུ་ཡོང་བ་དང་འབྲེལ་བ་ ཆགས་ཡོད།
རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུ ར་ནང་དུ་ཝང་དབྱང་གིས་ཀན་ལྷོ་ཁུ ལ་གྱི་སློབ་གྲྭ་དང་དགོན་སྡེ་ཁག ཞིང་འབྲོག་ཁུལ་བཅས་སུ་ལྟ་སྐོར་ བྱས་ཏེ་“སྤུས་ཚད་མཐོ་བའི་འཕེལ་ རྒྱས་དང་སྤྱི་ཚོགས་བརྟན་རླིང་” ཡོང་བའི་ཆེད་དུ་“གུང་ཁྲན་ཏང་གི་ མི་རིགས་དང་ཆོས་ལུགས་ལས་དོན་ཐད་ ཀྱི་སྲིད་ཇུས་”སྔར་ལྷག་ལག་ལེན་ དོན་འཁྱོལ་ཡོང་བར་སྐུལ་འདེད་བྱ ས་ཚུལ་འཁོད་འདུག་པ་མ་ཟད་ཁོས་“ཁ་ བྲལ་ལ་མཐའ་གཅིག་ཏུ་ངོ་རྒོལ་”དང་ “རྒྱལ་ཁབ་བདེ་འཇགས་ཀྱི་ཟངས་གྱང་ བརྟན་པོར་འཛུགས་དགོས་པ་” “རྒྱའི་སྤྱི་སྐད་ཁྱབ་སྤེལ་ལ་ཤུ གས་སྣོན་བརྒྱག་དགོས་པ་” “བོད་བརྒྱུད་ནང་བསྟན་ཀྲུང་གོ་ ཅན་དུ་བསྒྱུར་བའི་ཕྱོགས་ལ་ཤུགས་ སྣོན་བརྒྱག་དགོས་པ་” “ཆོས་ལུགས་ལས་དོན་ཁྲིམས་ལྟར་དོ་ དམ་བྱེད་པར་ཤུགས་སྣོན་བརྒྱག་དགོ ས་པ་” “བོད་ཀྱི་དགོན་སྡེའི་ལམ་ལུགས་སྤྱི ་ཚོགས་རིང་ལུགས་དང་མཐུན་པར་དོ་ དམ་བྱེད་ཕྱོགས་”སོགས་ལ་ཤུགས་སྣོ ན་བརྒྱག་དགོས་པ་སོགས་གཙོ་འདོན་ བྱས་རབས་འཁོད་འདུག
ཉེ་ལམ་རང་སྲོག་བཅད་པའི་དགེ་འདུ ན་པ་ཁོང་ལ་མཚོན་ན་ཕྱི་རོལ་ཟང་ཟི ང་གི་སྤྱི་ཚོགས་དང་རིང་དུ་གནས་ པའི་མཚམས་པ་ཞིག་ཡིན་ནའང་རྒྱ་ནག་ གཞུང་གིས་སུན་བཙེར་ཚོད་མེད་མྱོ ང་དགོས་འཁེལ་གྱི་ཡོད་པར་བརྟེན་ འུ་ཐུག་ཐབས་ཟད་དེ་མཐར་རང་གི་སྲོ ག་ཀྱང་གཅོད་དགོས་པའི་ཚད་དུ་ལྷུ ང་ཡོད། ཛ་དྲག་ཅན་གྱི་གནས་ཚུལ་འདིས་རྒྱ ་ནག་གི་གདུག་རྩུབ་ཆེ་བའི་སྲིད་ ཇུས་མང་དག་ཅིག་གི་འོག་ནས་བོད་ ནང་གི་བོད་མི་ཚོའི་ཆོས་ལུགས་རང་ མོས་སོགས་གཞི་རྩའི་འགྲོ་བ་མིའི་ ཐོབ་ཐང་གི་ཚད་གཞི་གང་འདྲ་ཞིག་ཏུ ་ལྷུང་ཡོད་པ་གསལ་པོ་མཚོན་ཐུབ་པ་ ཡིན།

དེར་བརྟེན། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོ བ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་ གནས་ཁང་གི་ངོས་ནས་ཀན་ལྷོ་བོད་རི གས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུ ང་ཆེ་ཡུ་ཆན་གྷུ་དང་དྲུང་ཆེ་གཞོ ན་པ་ཡང་ཝུ་གཉིས་ཀས་གནད་དོན་འདི འི་ཐད་འགན་ཁུར་ནན་པོ་བྱ་དགོས་པ་ མ་ཟད་དགེ་འདུན་པ་ཁོང་གི་འདས་རྐྱེ ན་དང་སྐབས་དེའི་གནས་བབ་གང་ཅིའི་ ཐད་ཕྱི་གསལ་ནང་གསལ་གྱི་དཔྱད་ཞི བ་བྱས་ཏེ་གནས་ཚུལ་གསལ་འདོན་བྱ་ དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡི ན།
ལྷག་པར་དུ་ཀན་ལྷོ་སོགས་བོད་ཡུལ་ སྤྱི་ལ་“བོད་བརྒྱུད་ནང་བསྟན་རྒྱ ་ནག་ཅན་དུ་བསྒྱུར་བ་”ཟེར་བ་སོ གས་ཀྱི་མིང་ཐོག་ནས་འདི་ལྟར་འགྲོ ་བ་མིའི་ཐོབ་ཐང་ལས་ཡོངས་སུ་བརྒ ལ་བའི་ལས་འགུལ་མང་དག་ཅིག་སྤེལ་ བཞིན་པ་འཕྲལ་དུ་མཚམས་འཇོག་བྱས་ ཏེ་བོད་མི་ཚོའི་ཆོས་དད་རང་དབང་ སོགས་ལ་ངེས་པར་དུ་བརྩི་སྲུང་བྱ་ དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ ་ཡིན།