19/01/2020

རྒྱ་གཞུང་གི་དྲིལ་བསྒྲགས་ཡིག་ཆས་(གྱོད་དེབ་)བོད་ནང་གི་ཞི་རྒོལ་ཁྲིམས་འགལ་རེད་ཟེར།

  •   
  •  
  •  
  •  
  •  
  •  
  •  

 


1468978548844713

རྒྱ་གཞུང་གིས་ཨ་མདོ་རྔ་བ་ས་ཁུལ་གྱི་དགོན་མ་ལག་ཁག་ཏུ་གྱོད་དེབ་ཅེས་ཁྲིམས་ཀྱི་གོ་རྟོགས་ཤེས་བྱ་ཡིན་རབས་བསྙད་ནས་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་འདུག

གྱོད་དེབ་དེར་ཤོག་ངོས་༨༠་དང་རྒྱ་བོད་སྐད་ཡིག་གཉིས་ནང་དུ་ཡོད་ཅིང་།  དགོན་མ་ལག་ཁག་གི་གྲྭ་མང་ལ་བཀྲམས་ནས་དེའི་དོན་གོ་རྟོགས་སྤེལ།   གྱོད་དེབ་ཏུ་གསལ་བའི་དོན་ཚན་ལྔའི་ནང་དོན་ཧྲིལ་བོ་རྒྱལ་ཁབ་ཁ་བྲལ་ཞེས་ཆབ་སྲིད་ཀྱི་མིང་འདོགས་ནས་ཉེས་ཁྲིམས་འཚབ་ཆེན་གཅོད་རབས་ཉེས་བརྡ་གཏོང་འདུག

རང་ལུས་མེར་སྲེག་དང་སྒེར་པ་གཅིག་པུ་ཁྲོམ་ལ་ཐོན་ནས།  ༧གོང་ས་མཆོག་གི་སྐུ་པར་འཕྱར་ཅིང་།  ༧གོང་ས་མཆོག་བོད་དུ་ཕེབས་བཅུག་དགོས་དང་བོད་ནང་དུ་རང་དབང་དང་འགྲོ་བ་མིའི་ཐོབ་ཐབ་དགོས་རབས་ཀྱི་སྐད་འབོད་གནང་རིགས་ཀྱིས།   རྒྱ་ནག་རྒྱལ་སྤྱིའི་མིག་མདུན་དུ་ངོ་ཚ་ཁ་ཁེངས་ཐེངས་མང་བཟོས་པ་དང་འབྲེལ་ནས་བྱུང་བ་ཞིག་ཆགས་ཡོད།   ཡང་གྱོད་དེབ་ལྟར་ན། སྒེར་བོ་གཅིག་པུས་ཞི་རྒོལ་གནང་མཁན་ཡང་རྒྱལ་ཁབ་ཁ་བྲལ་ལ་བསྐུལ་སློང་ཞེས་ཉེས་པ་རུ་བརྩིས་འདུག  འདི་ག་ལྟེ་གནས་ཁང་གིས། ཕྱི་ལོ་༢༠༡༣ནས་བཟུང་། སྒེར་བ་གཅིག་པུས་ཞི་རྒོལ་གནང་མཁན་མི་སྣ་༢༥  མིང་གཞུང་ཐོ་འགོད་བྱས་ཁྲོད། རང་ལོ་༡༨ཡིན་པའི་དགེ་འདུན་ཕུན་ཚོགས་ལ་ལོ་བཞི་དང་།  རང་ལོ་༡༩ཡིན་པའི་བློ་བཟང་སྐལ་བཟང་ལ་ལོ་གསུམ་གྱི་ཁྲིམས་ཆད་བཙོན་བཅུག་བྱས་པ་དཔེ་མཚོན་ཙམ་ཡིན།

གྱོད་དེབ་དུ་གསལ་བའི་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་ཞེས་པ་ལྟར་ན་བོད་ནང་གི་འཚེ་མེད་ཞི་བའི་བྱེད་ཐབས་མ་ལུས་པ་ཁྲིམས་འགལ་དུ་ངོས་འཛིན་ཐོག   ཕྱི་ལོ་༢༠༠༨ནས་བཟུང་། བོད་ནང་དུ་ས་གནས་བོད་མི་རྣམས་ཀྱིས་ས་ཆའི་བདག་དབང་དཀའ་ངལ་དང་ཁོར་ཡུག་བཙོག་བཟོས་ཀྱི་མཚོན་པའི་དཀའ་ངལ་རིགས་ས་གནས་སྲིད་གཞུང་ལ་ཡར་ཞུ་ཞུ་གཏུགས་ཡི་གེ་ཕུལ་ཡང་རུང་། རྒྱ་གཞུང་གིས་དྲག་གནོན་བྱས་རྐྱང་གིས་ས་གནས་མང་ཚོགས་ཞི་རྒོལ་བའི་སྟེང་མེ་མདའ་བཞུས་པ་དང་། དྲག་ཆས་ཉེན་རྟོག་པ་འབོར་ཆེན་འགྲེམས་འཇོག་བྱས་ཀྱི་ཡོད།

རང་ལུས་མེར་སྲེག་དང་སྒེར་པ་གཅིག་པུས་ཞི་རྒོལ་བསྟུད་མར་བྱུང་བས་མཚོན། བོད་མིའི་འཚེ་མེད་ཞི་བའི་མཚོན་ཐབས་གང་གནང་ཁག་ལ། རྒྱ་གཞུང་གིས་ཚད་ལས་བརྒལ་པའི་ཆབ་སྲིད་ཀྱི་བཀག་སྡོམ་དང་དེ་འབྲེལ་གྱི་དཀའ་ངལ་ཞུ་སའི་ས་འཁོད་མེད་པ་ར་སྤྲོད་བྱས་ཡོད།  རྒྱ་གཞུང་ལ་མཚོན་ན།                         སྔ་ནས་བོད་མིའི་ཞི་རྒོལ་གྱི་རྣམ་པ་ཅི་རིགས་ཁྲིམས་འགལ་ཞིག་ཏུ་བརྩི་མུས་སུ་མོད།  དེ་ལྟར་མ་ཡིན་པ་ལྟར།  ཉེ་ལམ་གཞི་ནས་གྱོད་དེབ་ཅེས་འགྲེམས་ནས་རང་ལུས་མེར་སྲེག་གིས་མཚོན།  བོད་མིའི་ལས་འགུལ་མ་ལུས་པ་ཁྲིམས་འགལ་ཡིན་པ་གསར་དུ་གསལ་བཤད་བྱེད་པ་འདི་ནི་ཡ་མཚན་ཞིག་རེད།              དཔེར་ན། ཕྱི་ལོ་༢༠༡༡།ཟླ་༨ཚེས་༢༨ཉིན། རྒྱ་གཞུང་གིས་གཞུང་འབྲེལ་གསར་ཁང་གིས་ཀུན་སློང་ཡོད་པའི་སྒོ་ནས་མི་བསད་པ་ཅེས།  རྔ་བ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་རང་ལུས་མེར་སྲེག་དང་འབྲེལ་ནས་མི་གསུམ་ལ་འཇུ་བཟུང་བཙོན་བཅུག་བྱས་ཁྲོད།     གྲྭ་བཙོན་འགྲུས་ལ་ཕུན་ཚོགས་བསད་པའི་ཉེས་
མིང་གཡོག་ནས་ལོ་༡༡བཙོན་འཇུག་ཁྲིམས་ཐག་བཅད་པ་འདུག

འདི་ག་ལྟེ་གནས་ཁང་གི་ཆབ་སྲིད་བཙོན་པའི་ཐོ་གཞུང་བསྡུ་སྒྲིག་ཚན་པས་ད་ལྟ་བར། རྒྱ་གཞུང་གིས་བོད་མི་༦༧  ཙམ་ཞིག་རང་ལུས་མེར་སྲེག་དང་འབྲེལ་བར་དོགས་ནས་གང་བྱུང་འཇུ་བཟུང་གིས་བཙོན་ཐག་བཅད་པ་ཤེས་རྟོགས་བྱུང་ཡོད་ལ། དེའི་ཁྲོད་ཨ་མདོ་ཀླུ་ཆུ་ཡིན་པའི་ལྷ་མོ་རྡོ་རྗེ་ལ་ཀུན་སློང་ཡོད་པའི་        སྒོ་ནས་མི་བསད་པ་ཞེས་ཉེས་མིང་གཡོག་ནས་ལོ་༡༥ཁྲིམས་ཐག་བཅད་པ་དང་།  ཡང་ཕྱི་ལོ་༢༠༡༣་ཟླ་༣ཚེས་༡༡ཉིན།     ཟི་ཁྲིན་མཛོད་དགེ་ནས་ཡིན་པའི་ཀུན་མཆོག་དབང་མོས་རང་ལུས་མེར་སྲེག་གནང་བ་ལ་བརྟེན་ནས།     རང་ལོ་༣༢ཡིན་པའི་མོའི་ཤུལ་ལུས་བཟའ་ཟླ་སྒྲོལ་མ་སྐྱབས་ལ་སྲོག་ཁྲིམས་བཅད་ཡོད།

ཡང་གྱོད་དེབ་ཏུ།  མི་མང་འདུ་འཛོམས་སར་རང་ལུས་མེར་སྲེག་གཏོང་ཚེ། མི་མང་གི་བདེ་འཇགས་ལ་གནོད་འཚབ་ཀྱི་ནག་ཉེས་སུ་བརྩིས་ཀྱི་ཡིན་ཞེས་པ་གསལ་པ་བཞིན།  སྐད་འཕྲིན་བརྒྱུད་དེ་ཁྲིམས་འགལ་གྱིས་ཕྱི་རྒྱལ་ལ་རྒྱལ་ཁབ་ཀྱི་གསང་ཡིག་དང་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་རི་མོ།          བརྙན་ཐུང་རྒྱུ་ཆ་སོགས་བསྐུར་ན་ཁྲིམས་འགལ་གྱིས་གསང་འཕྲིན་གཏོང་བའི་ནག་ཉེས་དང་རྒྱལ་ཁབ་ལ་ཁ་བྲལ་གཏོང་བར་ངན་སྐུལ་ནག་ཉེས་སོགས་ཉེས་འགར་སྡེབ་བསགས་ཀྱིས་ཁྲིམས་ཆད་གཅོད་རྒྱུ་དང་།  བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་ཆབ་སྲིད་ནང་དོན་ལྡན་པའི་ཡིག་ཆ་བཀྲམས་ན་རྒྱལ་ཁབ་ལ་ཁ་བྲལ་ལ་བརྒྱུད་སྐུལ་     ཞེས་རྒྱ་གཞུང་གིས་ཁྲིམས་ལུགས་ཁ་ལ་ཁྱེར་ཏེ་བོད་མི་ཚོར་ཉེས་འཛུགས་ཁྲིམས་གཅོད་བྱ་ཐབས་ཀྱི་ལག་ཆ་གཙོ་བོ་ཞིག་ཆགས་ཡོད་པ་ར་སྤྲོད་བྱུང་ཡོད།

གྱོད་དེབ་ཅེས་པའི་ནང་དོན་གསལ་པའི་དོན་ཚན་ཁག་ལྔ་ནི།

 དང་བོ།  མི་མང་ཚོགས་སར་ཁ་བྲལ་དར་ཆ་དང་ཁ་བྲལ་ནང་དོན་ལྡན་པའི་བསྒྲག་ཡིག་འགྲེམས་པར་རྒྱལ་ཁབ་ལ་ཁ་བྲལ་གཏོང་བའི་ངན་སྐུལ་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ།

 དོན་ཚན་གཉིས་པར།  མི་མང་ཚོགས་སར་ཏཱ་ལེ་བླ་མའི་འདྲ་པར་ཕྱར་ཏེ་ཁ་བྲལ་གྱི་ཁ་འབོད་སྒྲོག་པ་དེ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གཏོང་བའི་ནག་ཉེས་སུ་བརྩི

 དོན་ཚན་གསུམ་པར། མི་མང་ཚོགས་སར་རང་ལུས་མེར་སྒྲོན་ན་ཉེན་ཁ་ཆེ་བའི་བྱེད་ཐབས་བཀོལ་ནས་སྤྱིའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ནག་ཉེས་སུ་བརྩིས་ནས་ཁྲིམས་ཆད་ གཅོད་པ།

དོན་ཚན་བཞི་བ།  རང་ལུས་མེ་རུ་སྒྲོན་པར་ངན་སྐུལ་སླུ་བྲིད་བྱས་ནས་བསམ་བཞིན་དུ་མི་གསོད་པའི་ནག་ཉེས་སུ་བརྩིས་ནས་ཁྲིམས་ཆད་གཅོད་དགོས།

དོན་ཚན་དོན་ཚན་ལྔ་བ།  སྐད་འཕྲིན་བརྒྱུད་དེ་ཁྲིམས་འགལ་གྱིས་ཕྱི་རྒྱལ་ལ་རྒྱལ་ཁབ་ཀྱི་གསང་ཡིག་དང་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་རི་མོ།     བརྙན་ཐུང་རྒྱུ་ཆ་སོགས་བསྐུར་ན་ཁྲིམས་འགལ་གྱིས་གསང་འཕྲིན་གཏོང་བའི་ནག་ཉེས་དང་རྒྱལ་ཁབ་ལ་ཁ་བྲལ་གཏོང་བར་ངན་སྐུལ་ནག་ནག་ཉེས་སོགས་ཉེས་འགར་སྡེབ་བསགས་ཀྱིས་ཁྲིམས་ཆད་གཅོད་རྒྱུ།

འདི་ལྟ་ལྟེ་གནས་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར། ཕྱི་ལོ་༢༠༡༦ཟླ་༧ཚེས་༢༨ཉིན། གྱོད་དེབ་འདི་ནི་རྔ་བ་ཁུལ་གྱི་དགོན་མ་ལག་༤༢ལྷག་ལ་འགྲེམས་སྤེལ་བྱས་འདུག་པ་ཤེས་རྟོགས་བྱུང་ཐོག འགྲེམས་སྤེལ་སྐབས་ཀྱི་པར་ཡང་མཐོང་ཡང་འབྲེལ་ཡོད་མི་སྣའི་བདེ་འཇགས་ཆེད་དུ་ཡོངས་བསྒྲགས་བྱེད་ཀྱི་མིན་ཐག་བཅད།

ལོ་འདིའི་ཕྱི་ཟླ་༨  ཚེས་༢༤ཉིན།  གོ་ལའི་དུས་བབ་ཅེས་པས་རྔ་བ་ཁུལ་གྱི་ཁྲིམས་དཔོན་ཀྲི་ལི་ཐེན་ཀྲོ་དང་དྲིལ་བསྒྲགས་ཚན་པའི་འགན་འཛིན་གཞོན་པ་བཀྲ་ཤིས་ལ་བཅར་འདྲི་བྱས་པ་བརྒྱུད། ཁོང་གཉིས་ཀྱིས་གྱོད་དེབ་འགྲེམས་སྤེལ་ཐད་ལ་ཤེས་རྟོགས་མེད་རབས་བཤད་པ་མ་གཏོགས། ས་གནས་ཐབས་ཕྱོགས་གཅིག་སྒྱུར་གྱི་འགོ་ཁྲིད་ཟུར་བ་ཆོད་ལིན་གྱི་སྐད་ཆ་དྲངས་པར་ཁོང་གིས་ཀྱང་དེའི་སྐོར་ཤེས་ཀྱི་མེད་པའི་གསལ་ཁ་བཏོན་འདུག་ཀྱང་། ཁོང་གིས་ས་གནས་མི་མང་དང་གྲྭ་བཙུན་སྤྱི་ལ་ཁྲིམས་སྒྲིག་སྐོར་གྱི་ཡིག་ཆ་ཞིག་བཟོ་མུས་སུ་ཡོད་པ་ཁས་ལེན་བྱས་འདུག

ཕྱི་ཟླ་༧ཚེས་༡༩ཉིན་དེ།  གྱོད་དེབ་དེ་ཉིད་དངོས་སུ་འགྲེམས་སྤེལ་མ་བྱས་པའི་བདུན་གཅིག་གི་སྔོན་དེར། ས་གནས་སྲིད་གཞུང་གིས་ཚོགས་འདུ་ཞིག་སྐོང་པར།  ཁུལ་གྱི་འབྲེལ་ཡོད་ལས་བྱེད་དང་དགོན་མ་ལག་ཁག་གི་དགོན་པ་དོ་དམ་སྐུ་ཚབ་བཅས་བཅར་ནས།   ཁྲིམས་ལྟར་རྫོང་སྐྱོང་བ་དང་ཁྲིམས་ལྟར་དགོན་པ་སྐྱོང་པ་ཞེས་བརྗོད་གཞི་བྱས་འདུག་པ་མ་ཟད། ཚོགས་ཐོག་ནས་དགོན་པ་འཐུས་ཚབ་དང་ས་གནས་དཔོན་རིགས་བར། ཁྲིམས་སྒྲིག་དེ་ཉིད་ཡོང་འགྱུར་གྱི་ཏང་གི་སྐབས ༡༨ཚོགས་ཐེངས་༤སྐབས་སུ་རྒྱལ་འཛོམས་ཚོགས་འདུའི་སྒང་མིང་རྟགས་བཀོད་ཟིན་པའི་ཁྲིམས་སྲོལ་དང་། རྒྱས་འཛོམས་ཚོགས་ཐེངས་བཞི་བས་ཀྲུང་གོ་རང་བཞིན་གྱི་སྤྱི་ཚོགས་རང་ལུགས་ཁྲིམས་སྐྱོང་བྱ་བ་ ནན་གྱིས་བསྟན་དོན་ནི་སྤྱི་ཡོངས་ཀྱི་ཆ་ནས༼ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྲོལ༽ལ་ཞབས་འདེགས་ཞུ་དགོས་ཟེར་བ་ཞིག་རེད་འདུག