14/12/2019

འདི་ག་ལྟེ་གནས་ཁང་ལ་ཉམས་ཞིབ་པའི་ས་མིག་གཅིག་ཡོད།

  •   
  •  
  •  
  •  
  •  
  •  
  •  

logo samok

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ། བོད་ཡིག་ཐོག་ཉམས་ཞིབ་པའི་ས་མིག་གཅིག་ཡོད་པས། ས་མིག་འདིར་ཞུགས་བློ་ཡོད་རིགས་ནས་གཤམ་འཁོད་ཆ་རྐྱེན་ཁག་གཞིར་བཟུང་། འདི་ག་ལྟེ་གནས་ཁང་ལ་དུས་ཐོག་སྙན་ཞུ་འབུལ་གནང་ཡོང་བ་ཞུ། ས་མིག་འདིར་འདེམས་ཐོན་བྱུང་མཁན་དེ་ཐོག་མར་ལོ་གཅིག་གི་ཆོད་གན་ལས་བྱེད་ཡིན་ལ། དེ་རྗེས་ལས་ཀའི་བབ་དང་བསྟུན་ནས་ཆོད་གན་དུས་ཡུན་འཕར་འགྱང་གཏོང་རྒྱུ་ཡིན།

 

ལས་གནས།  ཉམས་ཞིབ་པ།(བོད་ཡིག)

ཕོགས་ཐོབ།  ཟླ་རེར་ཧིན་སྒོར་ ༣༠༠༠༠(ཁང་དོད་ཚུད་པ།)

ཤེས་ཚད་ཆ་རྐྱེན། དམའ་མཐར་འཛིན་རིམ་བཅུ་གཉིས་མཐར་ཕྱིན་པ།

དམིགས་བསལ་ཆ་རྐྱེན།

༡༽བོད་ནང་སྐྱེས་པ་དང་འཚར་ལོངས་བྱུང་པ། རབ་ཡིན་ན་བོད་ནང་སློབ་གཉེར་བྱས་མྱོང་བ།

༢༽བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་གནས་སྟངས་ཐད་གོ་རྟོགས་ཡོད་པ།

༣༽བོད་ཀྱི་སྐད་ཡིག་ཐོག་འབྲི་ཀློག་འཆད་གསུམ་ལ་བྱང་ཆ་ལྡན་པ། རྒྱ་ཡིག་གི་ཤེས་ཚད་གང་འཚམ་ཡོད་པ།

༤༽ལས་བྱེད་འདེམས་སྟངས་ནི། བོད་རྒྱ་སྐད་ཡིག་གཉིས་ཐོག་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ།

༥༽ སྙན་ཞུའི་དུས་བཅད་ནི།  ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༥ ཉིན་བར་སྙན་ཞུ་འདི་གར་ཕུལ་འབྱོར་ཟིན་དགོས།

 

སྙན་ཞུ་འབུལ་སྐབས་དགོས་ངེས་ཡིག་ཆ་ཁག

༡༽ རང་ཉིད་ཀྱི་ལོ་རྒྱུས་སྙིང་བསྡུས།

༢༽ སློབ་གྲྭའི་མཐར་ཕྱིན་འཛིན་ཡིག་ཡོད་ཚེ་འཛིན་ཡིག་གི་ངོ་བཤུས།

༣༽བཙན་བྱོལ་བོད་མིའི་རང་དབང་གཅེས་འཛིན་དྭང་བླང་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།

༤༽རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།

༥༽ལས་ཁུངས་གང་རུང་དུ་ལས་ཀ་བྱེད་མུས་ཡིན་ཚེ། ལས་ཁུངས་དེ་ག་ནས་དགག་བྱ་མེད་པའི་ངོས་སྦྱོར།

༦༽གཟུགས་གཞི་བདེ་ཐང་ཡིན་པའི་སྨན་ཁང་གི་ངོས་སྦྱོར།

 

ཟུར་མཆན།

༡༽སྙན་ཞུ་ཡིག་ཆའི་ནང་སོ་སོའི་འབྲེལ་གཏུགས་ཁ་བྱང་གསལ་པོ་འགོད་དགོས།

༢༽འདེམས་ཐོན་བྱུང་ཚེ་དུས་ཐོག་ཁ་པར་དང་གློག་འཕྲིན་བརྒྱུད་འབྲེལ་བ་བྱ་ངེས།

༣༽འདེམས་རྒྱུགས་སྐབས་འདི་གར་དགོས་ངེས་ཀྱི་འོས་ཆོས་ཡོངས་སུ་མ་ཚང་ཚེ། རྒྱུགས་ཞུགས་པ་ཡོངས་རྩིས་མེད་གཏོང་དགོས་ཀྱང་དེའི་དབང་ཚད་ཆ་ཚང་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་ཡོད།

༤༽སྙན་ཞུ་འབུལ་མཁན་རྣམས་ནས་གཤམ་འཁོད་གློག་འཕྲིན་ཁ་བྱང་བརྒྱུད་འབྲེལ་ཡོད་ཡིག་ཆ་ཁག་བསྐུར་དགོས།

 

Confidential
Tibetan Center for Human Rights and Democracy
Top Floor, Narthang Building
Gangchen Kyishong
Dharamsala – 176215
Himachal Pradesh, India

(91) 1892 – 223363, 229225

Email: office@tchrd.org