24/11/2020

ཞི་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་རོགས། ང་ཚོས་འཚེ་བ་མེད་པའི་ལམ་ནས་རྒྱ་གཞུང་གི་ནོར་འཁྲུལ་ལ་ཞི་རྒོལ་བྱེད། བོད་དོན་ལས་འགུལ་བ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར།

  •   
  •  
  •  
  •  
  •  
  •  
  •  

“རྩ་བའི་ཆ་ནས་རྒྱ་ནག་དམར་ཤོག་ཚོགས་པའམ་རྒྱ་དམར་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནི་ཁྲིམས་འགལ་ལུགས་འགལ་རང་ཡིན་པ་རེད། ཕྱི་ལོ་༡༩༥༩ ལོ་ནས་བཟུང་བོད་མི་ཚོས་དམར་ཤོག་སྲིད་གཞུང་གི་ཁྲིམས་འགལ་བཙན་འཛུལ་ལ་ཞི་རྒོལ་གནང་མུས་ཡིན་པ་དང་། ལྷག་པར་དུ་བོད་ནང་བོད་མིས་ཞི་རྒོལ་སྐད་འབོད་ནམ་བྱུང་ལ་རྒྱ་གཞུང་གིས་གདུག་རྩུབ་ཀྱི་དྲག་གནོན་བྱས་དང་བྱེད་བཞིན་པ་ང་ཚོང་མཐོང་གསལ་རེད་ལ། རྒྱ་གཞུང་གི་ཁྲིམས་འགལ་བཙན་འཛུལ་གྱི་རྐྱེན་པས། བོད་མི་ས་ཡ་མང་པོའི་ཚེ་སྲོག་ཤོར་བ་དང་། བོད་ཀྱི་ཆབ་སྲིད་བཙོན་པ་སྟོང་ཕྲག་མང་པོ་འཛིན་བཟུང་ཐེབས་པ་ང་ཚོས་མཐོང་གསལ་རེད། རྒྱ་གཞུང་ངམ་དམར་ཤོག་སྲིད་གཞུང་གིས་བོད་ནང་ལོགས་ནས་ཞི་རྒོལ་སྐད་འབོད་ནམ་བྱུང་ལ་དྲག་གནོན་སྟངས་འཛིན་བྱས་དང་བྱེད་བཞིན་པ་ནི་དངོས་གནས་བཟོད་ཐབས་བྲལ་བ་ཞིག་རེད།”

གཟའ་འཁོར་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ནི་བོད་རང་དབང་འཐབ་རྩོད་པ་དང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཟུར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཐོག་སྤྱི་འཐུས་ཡིན་ཞིང་། ཁོང་གི་ཡབ་ནི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་ཟུར། བོད་དོན་ལས་འགུལ་བ་ཞིག་རེད།

“འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་དཀག་ཁག་འདི་ནི་ང་ཚོ་བོད་མི་ཙམ་མ་ཟད་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་བ་དང་ལྷོ་སོག ཧོང་ཀོང་མི་མང་དང་ཐའེ་ཝན་མི་མང་། ཐ་ན་རང་དབང་མང་གཙོ་དོན་གཉེར་གནང་མཁན་རྒྱ་རིགས་མི་མང་ལའང་ཕྲད་དང་འཕྲད་མུས་རེད།”

“དངོས་འཕྲད་གནས་སྟངས་འདི་འདྲ་ཡིན་པས། ང་ཚོའི་ཞི་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་རོགས། ང་ཚོས་འཚེ་བ་མེད་པའི་ལམ་ནས་རྒྱ་གཞུང་གི་དབང་སྒྱུར་གཉའ་གནོན་ལ་ཞི་རྒོལ་བྱེད། ཚང་མས་ཕྱར་བ་གྲུ་འདེགས་ཀྱིས་རྒྱ་གཞུང་ལ་རྒྱ་གཞུང་རང་གིས་བཟོས་པའི་ནོར་འཁྲུལ་བཙན་གནོན་ལ་འགན་འཁུར་དུ་འཇུག དེར་མ་ཟད། ང་ཚོ་ཚང་མས་རྒྱ་གཞུང་ལ་རྒྱ་ནད་ཀྱིས་ཤི་གོད་གྱོང་གུད་ཀྱི་འགན་འཁུར་དུ་འཇུག”

ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ཐེངས་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་འབོད་སྐུལ་གནང་དོན།

༡༽ ཞི་བའི་འདུ་འཛོམ་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་དང་འགལ་བའི་རྒྱ་གཞུང་གི་ལག་བསྟར་སྲིད་ཇུས་ཁག་མྱུར་དུ་མཚམས་འཇོག་དགོས།
༢༽ ཞི་རྒོལ་བར་བཙན་དབང་གིས་དྲག་གནོན་དང་བཀག་བསྐྱིལ་བྱེད་ཐབས་ཀྱི་སྲིད་ཇུས་མེད་པར་བཟོ་དགོས།
༣༽ ཞི་རྒོལ་བ་གང་བྱུང་བཀག་ཉར་དང་མནར་གཅོད་གཏོང་མཁན་སྲིད་གཞུང་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས།
༤༽ བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་དང་། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་གཉིས་ལ་ལག་བསྟར་ཆོག་མཆན་འགོད་དགོས།
༥༽ ཞི་བའི་འདུ་འཛོམ་དང་ཚོགས་འཛུགས་རང་དབང་གི་ཐོབ་ཐང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གདད་ཞུ་ཞུས་ནས། ད་ལྟའི་བོད་ནང་གི་ཞི་བའི་འདུ་འཛོམ་རང་དབང་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་བྱེད་དུ་འཇུག་དགོས།
ཕྱི་ཟླ་༥ ཚེས་༣ ཉིན་ནས་འདི་ག་ལྟེ་གནས་ཁང་གིས་ཞི་རྒོལ་ཐོབ་ཐང་གི་ལས་འགུལ་འགོ་བཙུགས་ཏེ། བོད་མིའི་ཞི་རྒོལ་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་བྱུང་རིམ་ལོ་རྒྱུས་འགྲེམ་སྤེལ་གྱིས། ད་ཆར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གི་གོ་སྐབས་བེད་སྤྱད་ནས། བོད་ནང་དུ་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་འགྱུར་ཇི་འདྲ་ཞིག་བསྟན་ནའང་། དེ་ལ་ཚབས་ཆེའི་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་སྦེད་ཐབས་ཀྱི་སྒྲིབ་གཡོག་བཤུས་ཏེ། བོད་མིའི་སྨྲ་བརྗོད་རང་དབང་གསལ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་དུ། ཐེངས་འདིའི་ལས་འགུལ་བརྒྱུད་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་མི་སྣ་༣༠ ཡི་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་ཀྱི་གནས་ཚུལ་རིམ་པར་སྤེལ་འཆར་ཡོད།

Select Language