31/05/2020

ཙན་དན་དགོན་པའི་གྲྭ་བློ་བཟང་ཟླ་བ་འཇུ་བཟུང་བཙན་འཁྲིད་བྱས་འདུག

  •   
  •  
  •  
  •  
  •  
  •  
  •  
རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བའི་སོག་ཙན་དན་དགོན་པའི་གྲྭ་བློ་བཟང་ཟླ་བ་ལགས།
རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བའི་སོག་ཙན་དན་དགོན་པའི་གྲྭ་བློ་བཟང་ཟླ་བ་ལགས།

རྒྱ་གཞུང་གིས་མཚན་ལ་སོག་རྫོང་ཙན་དན་དགོན་པའི་གྲྭ་བློ་བཟང་ཟླ་བ་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཟླ་ ༣ ཚེས་ ༢༠ མཚན་མོར་སོག་རྫོང་ཙན་དན་དགོན་པའི་གྲྭ་བློ་བཟང་ཟླ་བ་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་ཀྱི་གནས་ཚུལ་བྱུང་འདུག གསང་བའི་ངང་ནས་བཙན་ཁྲིད་བྱས་སྟབས་ཞིབ་ཕྲའི་གནས་ཚུལ་ཤེས་མཁན་བྱུང་མི་འདུག

དེང་སྐབས་རྒྱ་གཞུང་གིས་འཕྲིན་ཕྲན་(wechat)གྱི་བརྒྱུད་ལམ་ཁག་ལ་ཞིབ་བཤེར་བྱེད་བཞིན་ཡོད་སྟབས། ས་གནས་དེ་གའི་ཡུལ་མི་མང་ཚོགས་ཀྱི་ངོས་ནས། འཕྲིན་ཕྲན་བརྒྱུད་ལམ་ནས་རྒྱ་གཞུང་གི་ལྟ་སྤྱོད་དང་མི་མཐུན་པའི་པར་རིས་དང་ཡིག་ཆ་ཉར་བའི་ཉེས་མིང་འོག་འཛིན་བཟུང་བྱས་པ་ཞིག་ཡིན་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

ད་ལྟ་རང་ལོ་ ༣༨ ཡིན་པའི་གྲྭ་བློ་བཟང་ཟླ་བ་ནི་ཙན་དན་དགོན་པའི་ཁང་གཉེར་ལས་ཐོག་ཡིན་པ་དང་། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ད་ལྟའི་དབང་བསྒྱུར་ས་ཁོངས་ལྟར་བྱས་ན། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་སོག་རྫོང་ར་དབག་ཡུལ་ཚོའི་གྲོང་ཚོ་བཞི་པ་འབེ་ཆེན་གྲོང་ཚོ་ནས་ཡིན་པ་རེད།

གཞན་ཡང་། དེང་སྐབས་མདོ་སྨད་ཕྱོགས་ལ་སློབ་གཉེར་འགྲོ་མཁན་མང་པོ་ཞིག་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཡང་བྱུང་བཞིན་ཡོད་འདུག ཡིན་ནའང་། ས་གནས་སུ་དམ་དྲག་ཆེ་པོ་བྱས་ཡོད་སྟབས། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱེད་ཐུབ་ཀྱི་མི་འདུག