16/12/2019

མཛོད་དགེ་རྫོང་དུ་བོད་མི་ཞི་རྒོལ་བ་ཞིག་འཇུ་བཟུང་བྱས་འདུག

  •   
  •  
  •  
  •  
  •  
  •  
  •  

 

ཟླ་འདིའི་ཚེས་ ༡༩ ཉིན་བོད་མདོ་སྨད་མཛོད་དགེ་རྫོང་གི་ཁྲོམ་གཞུང་དུ་བཀྲ་ཤིས་དོན་འགྲུབ་ཀྱིས་བོད་ཀྱི་ཆོས་དར་ཞིག་བརྒྱབ་ལ་གྱོན་ཞིང་། ༧གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་མགོ་ལ་འཕྱར་ནས་ཞི་བའི་ངོ་རྒོལ་བྱས་སྐབས་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་འདུག

 

tashi dhondupའདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་ངོ་རྒོལ་གནང་ནས་དུས་ཚོད་རིང་པོ་མ་སོང་གོང་རྒྱ་མིའི་ཉེན་རྟོག་པས་ཁོང་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག ད་ལྟའི་ཆར་ས་གནས་གང་དུ་བཀག་ཉར་བྱས་པ་དང་གནས་སྟངས་ག་འདྲ་ཆགས་ཡོད་མེད་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཚེས་ ༢༠ ཉིན་བཀྲ་ཤིས་དོན་འགྲུབ་ཀྱི་ཞང་པོ་རང་ལོ་ ༣༠ ཡིན་པ་ཁོང་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག བཀྲ་ཤིས་དོན་འགྲུབ་ཀྱི་མིང་གཞན་ལ་ཆོས་བྷེ་ལབ་ཀྱིན་ཡོད་པ་དང་། ཁོང་ནི་མཁའ་འགྲོ་ཚང་གི་བུ་མོ་ཞིག་གི་བུ་ཡིན་འདུག

བཀྲ་ཤིས་དོན་འགྲུབ་ལགས་ནི་རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ད་ལྟའི་ས་ཁོངས་ལས་བྱས་ན། ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་རང་སྐྱོང་ཁུལ་མདོ་སྨད་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་རུ་ཁག་གསུམ་པ་ནས་རེད་འདུག

རྒྱ་གཞུང་གིས་བོད་མིའི་ཞི་བའི་ངོ་རྒོལ་ལ་དམ་དྲགས་ཤུགས་ཆེར་གཏང་བར་བརྟེན། ཉེ་བའི་ཟླ་ཤས་རིང་བོད་མི་ཁེར་རྐྱང་གི་ངོས་ནས་ཞི་བའི་ངོ་རྒོལ་རབ་དང་རིམ་པ་བྱུང་ཡོད། དེ་ཡང་མདོ་སྨད་རྔ་པ་རྫོང་ནང་ལས་འགུལ་དེ་རིགས་མང་ཤོས་སྤེལ་ཡོད་པ་རེད།

བཀྲ་ཤིས་དོན་འགྲུབ་ལགས་ཀྱི་ཁེར་རྐྱང་གི་ཞི་རྒོལ་ནི་མཛོད་དགེ་རྫོང་དུ་བྱུང་བའི་གནས་ཚུལ་ཤེས་རྟོགས་བྱུང་བ་ཐོག་མ་དེ་ཡིན་ཞིང་། དེས་ལས་འགུལ་དེ་རིགས་རྔ་པ་རྫོང་ཙམ་མ་ཡིན་པར་ཉེ་འཁོར་གྱི་རྫོང་ཁག་ལ་རིམ་པས་ཞི་བའི་ངོ་རྒོལ་དེ་རིགས་ཁྱབ་སྤེལ་འགྲོ་བཞིན་པ་གསལ་སྟོན་བྱས་ཡོད།

བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་འབོད་སྒྲ་གང་ཞིག་བསྒྲགས་ཡོད་པ་མི་ཤེས་ཀྱང་། ཁོང་གིས་ཞི་བའི་ངོ་རྒོལ་བྱེད་བཞིན་པའི་གནང་སྟངས་ཀྱི་བརྙན་ཐུང་ཞིག་མཐོང་རྒྱུ་ཡོད་པའི་ནང་དུ། ཆོས་དར་ཞིག་གྱོན་པ་དེས་ཉེ་འཆར་རྒྱ་ནག་གཞུང་གིས་བོད་རྒྱུད་ནང་བསྟན་སྤྱི་དང་ལྷག་པར་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ཐད་ཐེ་ཇུས་དང་སྲིད་ཇུས་ངན་པ་བཟོས་པ་དེ་དག་ལ་ངོ་རྒོལ་གནང་གི་ཡོད་པའི་རྣམ་པ་གསལ་པོ་མཐོང་ཐུབ།

བོད་མི་བཀྲ་ཤིས་དོན་འགྲུབ་ཀྱིས་ཞི་བའི་ངོ་རྒོལ་གྱི་བརྙན་ཐུང་།