16/12/2019

བོད་མདོ་ཁམས་ཡུལ་ཤུལ་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་གནང་འདུག

  •   
  •  
  •  
  •  
  •  
  •  
  •  

ཕྱི་ཟླ་ ༥ ཚེས་ ༢༧ ཉིན་ཏེ་བོད་ལུགས་ཟླ་ག་ཟླ་བའི་ཚེས་ ༡༧ ཉིན། བོད་མདོ་ཁམས་ཡུལ་ཤུལ་གྱི་རང་ལོ་ ༣༡ ཡིན་པའི་བསྟན་འཛིན་ཤེས་རབ་ལགས་ཀྱི་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་ཡོད་པ་དང་། ཁོང་ནི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་ ༡༡༨ པ་དེ་ཆགས་ཡོད་པ་རེད། ཡིན་ནའང་། རྒྱ་གཞུང་གིས་རང་ལུས་མེར་བསྲེགས་གནང་མཁན་བོད་མི་རྣམས་ཀྱི་ཞུ་འབོད་སྣང་མེད་དུ་བཏང་སྟེ།  བོད་ནང་དུ་སྔར་བས་དམག་མི་མང་པོ་འགྲེམས་འཇོག་གིས་མུ་མཐུད་དྲག་གནོན་བྱེད་བཞིན་ཡོད།

image
རང་ལུས་མེར་བསྲེགས་འདས་གྲོངས་ཕྱིན་པའི་བསྟན་འཛིན་ཤེས་རབ་ལགས།

འདི་ག་ལྟེ་གནས་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་གསལ། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ཁམས་ཡུལ་ཤུལ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་བརྡལ་སྐྱ་འཁྱོག་ཡུལ་ཚོའི་རི་ཁག་གཉིས་པ་ཨ་དྲེལ་སྡེ་པའི་བསྟན་འཛིན་ཤེས་རབ་ལགས་ཀྱིས་ཆུ་དམར་ལེབ་རྫོང་ནས་ཆུ་ཚོད་ ༢ ཀྱི་སར་ཡོད་པའི་རྒྱ་རིང་ཟེར་བའི་ས་ཆ་ནས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཡོད་འདུག ཁོང་འདས་གྲོངས་སུ་གྱུར་བ་ཤེས་རྟོགས་བྱུང་མ་ཐག་ཆུ་དམར་ལེབ་རྫོང་ཉེན་རྟོག་པ་བསླེབས་ཏེ་ཁོང་གི་སྐུ་ཕུང་བཙན་ཁྱེར་བྱས་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༢༨ ཉིན་ཁོང་གི་ནང་མི་སྐད་བཏང་ནས་སྐུ་ཕུང་རྩིས་སྤྲོད་བྱས་ཡོད་པ་དང་། ཕྱི་ཚེས་ ༢༩ ཉིན་ཞོགས་པར་ཁོང་གི་སྐུ་ཕུང་ཞུགས་འབུལ་བྱ་རྩིས་བྱས་ཡོད་ཀྱང་། ཉེན་རྟོག་པ་ཁ་ཤས་བསླེབས་ཏེ་བཀག་སྡོམ་བྱས་ཡོད་འདུག

རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཤེས་རབ་ལགས་རང་ལོ་ ༣༡ ཡིན་ལ།  ཕ་མིང་ལ་དོན་འགྲུབ་དང་མ་མིང་ལ་ཆོས་མས་ཞུ་བ་དང་། ཁོང་ལ་སྤུན་མཆེད་ ༥ ནང་ནས་ཆེ་ཤོས་དེ་ཡིན་འདུག འདས་པོ་ཁོང་ཉིད་འཚོ་ཐབས་ཀྱི་ཆ་ནས་འབྲོག་པ་ཡིན་འདུག་ལ། ཕྱིས་སུ་ཆུ་དམར་ལེབ་རྫོང་ཐོག་དུ་གནས་སྤར་ནས་རིང་པོ་འགོར་མི་འདུག དེ་ཡང་མེར་བསྲེགས་གཏོང་སའི་ས་གནས་རྒྱ་རང་ཟེར་བའི་ས་ཆ་དེ་ནི་དབྱར་རྩ་དགུན་འབུ་བརྐོ་འཐུ་བྱེད་ཆེད་མི་ཚོགས་འཛོམས་ས་ཞིག་ཡིན་འདུག་པ་དང་། འདས་པོ་ཁོང་གིས་མེར་བསྲེགས་མ་བཏང་བའི་ཉིན་འགའི་སྔོན་དུ། གྲོགས་པོ་ཁ་ཤས་ལ་རྒྱ་ནག་གི་སྲིད་ཇུས་ཡག་པོ་མེད་སྐོར་དང་།  བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྩ་བརླག་འགྲོ་ཉེན་ཡོད་པ།  རྒྱ་ནག་གི་དྲག་སྤྱོད་འོག་ནས་འདུག་ཐབས་བྲལ་བ་སོགས་བརྗོད་ཡོད་འདུག