31/05/2020

རང་ལུས་མེར་བསྲེག་གིས་ལོ་ ༤ འདས་རྗེས་རག་པའི་སྐུ་པར།

  •   
  •  
  •  
  •  
  •  
  •  
  •  

རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེག་གནང་སྟེ་འདས་གྲོངས་ཕྱིན་པའི་རྒྱལ་གཅེས་དཔའ་བོ་གཉིས་ཀྱི་སྐུ་པར་ཉེ་ཆར་ལག་སོན་བ་ལྟར་འདོན་སྤེལ་བྱས་ཡོད།

རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཤེས་རབ་ལགས་ཀྱི་སྐུ་པར།
རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཤེས་རབ་ལགས་ཀྱི་སྐུ་པར།

ད་ལྟའི་བར་བོད་ནང་དུ་རང་ལུས་མེར་བསྲེག་གནང་སྟེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་བྱེད་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༡༤༥ དང་། བཙན་བྱོལ་སྤྱི་ནང་རང་ལུས་མེར་བསྲེག་གནང་མཁན་རྒྱལ་གཅེས་བོ་ ༨ བཅས། ཁྱོན་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གནང་མཁན་ ༡༥༣ བྱུང་ཡོད།

ཡིན་ནའང་། རྒྱ་གཞུང་གིས་བོད་ནང་དུ་དམག་མི་ཕོན་ཆེན་པོ་འགྲེམས་འཇོག་གིས་བོད་མིའི་འགྲོ་བསྐྱོད་ལ་བཀག་སྡོམ་ནན་མོ་བྱེད་ཀྱིན་པ་མ་ཟད། ཁ་པར་དང་དྲ་རྒྱ་སོགས་བརྒྱུད་ལམ་ཁག་ལའང་ཞིབ་བཤེར་ནན་མོ་བྱས་ཏེ་བཀག་སྡོམ་བྱེད་ཀྱིན་ཡོད་སྟབས། བོད་ནང་བྱུང་བའི་རང་ལུས་མེར་བསྲེག་གྱི་གནས་ཚུལ་རྣམས་དུས་ཐོག་ཤེས་རྟོག་ཐུབ་དཀའ་བ་དང་། ཁོང་ཚོའི་པར་རིས་དང་ལོ་རྒྱུས་ཞིབ་ཕྲ་ཤེས་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད། ལྷག་པར་དུ་རང་ལུས་མེར་བསྲེག་གནང་མཁན་ཁག་ཅིག་གིས་རང་ལུས་མེར་བཏང་བའི་རྗེས་སུ། ཁོང་ཚོ་འཆི་གསོན་གྱི་གནས་ཚུལ་ཡང་ཤེས་རྟོགས་མི་ཐུབ་པར་གྱུར་ཡོད།

རྒྱལ་གཅེས་དཔའ་བོ་དམ་ཆོས་ལགས་ཀྱི་སྐུ་པར།
རྒྱལ་གཅེས་དཔའ་བོ་དམ་ཆོས་ལགས་ཀྱི་སྐུ་པར།

བློ་བཟང་ཤེས་རབ། ༢༠༡༢ ལོའི་ཟླ་ ༣ ཚེས་ ༢༨ ཉིན་རྔ་བ་ས་ཁུལ་དུ་རང་ལོ་ ༢༠ ཡིན་པའི་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་བསྲེག་གིས་འདས་གྲོངས་ཕྱིན་ཡོད་པ་དང་། ༢༠༡༢ ལོའི་ཟླ་ ༨ ཚེས་ ༢༧ ཉིན་རྔ་པ་ས་ཁུལ་དུ་རང་ལོ་ ༡༧ ཡིན་པའི་རྒྱལ་གཅེས་དཔའ་བོ་དམ་ཆོས་ལགས་ཀྱིས་རང་ལུས་མེར་བསྲེག་གིས་འདས་གྲོངས་ཕྱིན་ཡོད་པ་ལྟར། ད་ལྟའི་བར་ཁོང་གཉིས་ཀྱི་སྐུ་པར་གང་ཡང་བརྒྱུད་ལམ་ཁག་ཏུ་ལག་སོན་བྱུང་མེད་མོད། ཉེ་ཆར་འདི་ག་ལྟེ་གནས་ཁང་ལ་རྒྱལ་གཅེས་དཔའ་བོ་ཁོང་གཉིས་ཀྱི་སྐུ་པར་ལག་སོན་བྱུང་པ་ལྟར་འདོན་སྤེལ་བྱས་པ་ཡིན།